作词 : 民间作曲 : 民间བཀྲ་ཤིས་སྐོར་བྲོ།ཚིག་གདངས། དམངས་གཞས།ལེན་མཁན། གནམ་མཚོའི་འབྲོག་པའི་ཚན་སྡེབ།ཕེབས་ཤོག ཕེབས་ཤོག་ཟེར་ན།དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དེ་ཕེབས་ཤོག་ཟེར།དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དེ་ཕེབས་ཤོག་ཟེར།འཛམ་གླིང་ས་ཆུ་དྲོད་ནས།དཔྱིད་དཔལ་མེ་ཏོག་བཞད་དུ་ཕེབས་ཤོག་ཟེར།དཔྱིད་དཔལ་མེ་ཏོག་བཞད་དུ་ཕེབས་ཤོགཕེབས་ཤོག ཕེབས་ཤོག་ཟེར་ན།ཆར་སྤྲིན་མཇལ་འོད་ཅན་འདི་ལ་ཕེབས་ཤོག་ཟེར།ཆར་སྤྲིན་མཇལ་འོད་ཅན་འདི་ལ་ཕེབས་ཤོགསྦྲང་ཆར་ཟིལ་མའི་དངོས་གྲུབ།ནོར་འཛིན་གཏེར་ཁ་རྒྱས་དུ་ཕེབས་ཤོག་ཟེར།ནོར་འཛིན་གཏེར་ཁ་རྒྱས་དུ་ཕེབས་ཤོགཕེབས་ཤོག ཕེབས་ཤོག་ཟེར་ན།གངས་ཅན་བུ་དང་བུ་མོ་ཕེབས་ཤོག་ཟེར།གངས་ཅན་བུ་དང་བུ་མོ་ཕེབས་ཤོགསྐྱིད་པའི་རྩེ་ར་འདི་ན།མཉམ་འཛོམས་གླུ་བྲོ་རྡུང་ལ་ཕེབས་ཤོག་ཟེར།མཉམ་འཛོམས་གླུ་བྲོ་རྡུང་ལ་ཕེབས་ཤོགའབྲོག་གླུ་འབྲོག་གཞས་དགའ་ན་བྱང་ཕྱོགས་འབྲོག་སྡེ་ཡུལ་ཕེབས་ཤོགབྱང་ཕྱོགས་འབྲོག་སྡེ་ཡུལ་ཕེབས་ཤོགའབྲོག་གླུ་འབྲོག་གཞས་དེ་ཚོ་བྱང་ཕྱོགས་འབྲོག་སྡེ་ཡུལ་གྱི་སྲོལ་རྒྱུན་རེད།བྱང་ཕྱོགས་འབྲོག་སྡེ་ཡུལ་གྱི་སྲོལ་རྒྱུན།འབྲོག་གླུ་འབྲོག་གཞས་དེ་ཚོ་བྱང་ཕྱོགས་འབྲོག་སྡེ་ཡུལ་གྱི་སྲོལ་རྒྱུན་རེད།བྱང་ཕྱོགས་འབྲོག་སྡེ་ཡུལ་གྱི་སྲོལ་རྒྱུན།ཕུ་ཡེ་ན་གངས་སྟོད་མཐོ་པོ་རྡ་ཟེ།གངས་དཀར་པོའི་རྩེ་མོ་སང་སེ་སང་།སང་སེ་སང་།གངས་དེ་ལ་འཁོར་བའི་སེང་ཆུང་དེ་ཟེ།མགོ་གཡུ་རས་བཀྲ་ཤིས་རྟགས་བརྒྱད་རེད་ཟེ།རྟགས་བརྒྱད་རེད།བར་འདི་ན་རྫ་སྟོད་མཐོ་པོ་རྡ་ཟེ།རྫ་རག་དཀར་ཨ་ལོང་མེ་ལོང་རེད་ཟེ།མེ་ལོང་རེད།རྫ་དེ་ལ་འཁོར་འབྲོག་ཆུང་དེ་ཟེ།མགོ་རུ་ཐོར་རྒྱལ་སྲིད་སྣ་བདུན་རེད་ཟེ།སྣ་བདུན་རེད།མདའ་ཨི་ན་བྲོ་སྟོད་མཐོ་པོ་རྡ་ཟེ།བྲོ་ཁ་གཞས་བསྟན་པ་དར་ས་རེད་ཟེ།དར་ས་རེད།ངག་ཁུ་བྱུག་འདྲ་བའི་གླུ་བ་ཚོ།གླུ་སྙན་པོ་ཕྱོགས་ལས་རྣམ་རྒྱལ་རེད་ཟེ།རྣམ་རྒྱལ་རེད།ཁ་ལ་གླུ་སྦྲང་ཆར་འབབ་འབབ་རེད།གཞས་ཞབས་བྲོ་ཐང་དཀར་ལྡིང་ལྡིང་རེད།ལྡིང་ལྡིང་རེད།འདི་བྱང་ཐང་འབྲོག་པའི་རྒྱན་ཆ་རེད།དེ་ནམ་ཡང་བརྟན་པའི་བཀྲ་ཤིས་ཤོགབཀྲ་ཤིས་ཤོགཁ་ལ་གླུ་སྦྲང་ཆར་འབབ་འབབ་རེད།གཞས་ཞབས་བྲོ་ཐང་དཀར་ལྡིང་ལྡིང་རེད།ལྡིང་ལྡིང་རེད།ལྡིང་ལྡིང་རེད།འདི་བྱང་ཐང་འབྲོག་པའི་རྒྱན་ཆ་རེད།དེ་ནམས་ཡང་བརྟན་པའི་བཀྲ་ཤིས་ཤོག