作词 : 藏堂作曲 : 藏堂混音:洛绒益西ཧེ་ཤ་ཉེ་ཁྱེད་རང་བདེ་མོ་ཨི་ཡིན།ལོ་མང་ཕྱིན་ཡང་ངས་ཁྱེད་རང་སྒུགཧེ་ཤ་ཉེ་ཁྱེད་རང་བདེ་མོ་ཨི་ཡིན།ས་ཐག་རིང་ཡང་ངས་ཁྱེད་རང་དྲན།x2VERSE 1 པདྨ་གེ་སར།གྲོགས་པོ། སྐྱབས་བླ་མར་ཞུས་ཡོད།དམ་བཅའ་རང་ཉིད་ལ་བཞག་ཡོད།ས་ཕྱོགས་ཁ་ཁ་སོང་ཡང།ལོ་ཤས་ཁ་ཁ་བྲལ་ཡང།བརྩེ་བ་ནི་སེམས་ནང་ཉར་ཡོད།དམ་བཅའ་ནི་རྡོ་ལ་རྐོས་ཡོད།དེ་སྔོན་གྱི་བརྩེ་བ་དང་དམ་བཅའ།འགྲིག་པ་དང་ནོར་པ། སྐྱིད་པོ་དང་སྡུག་པོ་རྗེད་མེད།ཡིན་ནས་ཐམས་ཅད་འདས་ཟིན་པའི་ལོ་རྒྱུས།ད་ལྟ་ཕན་ཚུན་སེམས་འཁུར་དང་དུས་རྟག་པར་འབྲེལ་བ་དེ་རྒྱུན་སྐྱོང་།མ་ཚད་གྲོགས་པོའི་བར་གྱི་ལ་རྒྱ་དེ་སེམས་ནས་བརྗེད་མེད།ཁ་བྲལ་ནས་ལོ་ངོ་ག་ཚོད་སོང་མེད། སེམས་སྟེས་ནས་རྗེད་མེད།འབྲེལ་བ་དེ་གཅད་མེད། དམ་བཅའ་དེ་ཟོས་མེད།ཁ་ས་ཁ་ཉིན་སྒྲོག་ཙེ་ནང་ནས་གྲོགས་པོ་ཁྱེད་དང་མཉམ་དུ་རྒྱབ་པའི་འདྲ་པར་མཐོང་བྱུང་།ཕྱིན་པའི་དུས་ཚོད་དེ་སྐྱིད་པོ་ག་ཚོད་ཡིན་མིན་ཡིད་ལ་འཁུར་བྱུང་།རི་རྩེ་ཡི་ཉི་མ་ཤར་བའི་དུས་དང་རྟོན་ནས་ངས་སྨོན་ལམ་རྒྱབ་ཡོད།མཐའ་མ་སྨོན་ཚིག་ལས་ཡག་པ་ག་གེ་སྤྲད་ཡ་མེད།སེམས་མ་སྐྱོ་མིག་ཆུ་མ་ལྷུང་།ཁྱེད་ནད་མེད་ཚེ་རིང་ཡོང་བ་དང་ཁ་དྲོ་བཀྲིས།གང་བསམ་དོན་ལྷུན་འགྲུབ་ཡོང་བའི་ཤ་ཉེ་ངས་ས་ཕྱོགས་གང་དུ་སོང་ཡང་སྐྱབས་བླ་མ་དཀོན་མཆོག་གསུམ་ལ་སྨོན་ལམ་རྒྱབ་ཡོད།ཧེ་ཤ་ཉེ་ཁྱེད་རང་བདེ་མོ་ཨི་ཡིན།ལོ་མང་ཕྱིན་ཡང་ངས་ཁྱེད་རང་སྒུགཧེ་ཤ་ཉེ་ཁྱེད་རང་བདེ་མོ་ཨི་ཡིན།ས་ཐག་རིང་ཡང་ངས་ཁྱེད་རང་དྲན།x2VERSE 2 བློ་རུང་ཡི་ཤེས།རེད་བཞག་གྲོགས་པོ།ད་དེ་སྔོན་རང་གིས་ང་ལ་སློབ་པའི་བུ་མོ་ཀྱག་ཡ་ལག་རྩལ་དེ་ཚོ་དུས་ད་ལྟ་ངས་ཁྱེད་རང་དྲན་གསོ་བྱེད་ཡ་ཡི་ལག་རྟགས་ཆགས་བཞགགྲོགས་པོ་ང་ཐག་རིང་འགྲིམས་དུས་འབྲེལ་བ་མེད་པ་ཡུན་རིན་ཕྱིན་བཞགཁ་པར་ནང་དྲིས་པའི་སྐད་ཆ་གྲོགས་པོ་ཁྱེད་ཚོ་བདེ་མོ་ཡིན་བཞགཁ་བྲལ་དུས་མཐའ་མའི་ཞབས་དགམིག་ཆུ་དང་དགོད་སྒྲའི་མཉམ་དུ།ངས་གྲོགས་པོ་རང་གི་སེམས་པ་ཤེས་གིདུས་དེ་རིང་ང་ཚོ་འཛོམས་པའི་དུས་སུ།ད་ང་ཚོ་ཚང་མ་ཡག་པོ་ཡིན་གདའ།ལས་ཀ་དང་གང་ཅན་ཐོག་ལ་ཧོར་བརྩོན་ཡིན་གདའ།ཁུན་ཁུན་ཐོག་ཐོག་སྤྱིར་བཏང་མི་ཚེ་ནང་ང་ཚོ་འཕྲད་ཡོང་།སེམས་ཤུགས་མ་ཆགས་སྐྱེས་པའི་ཕོ་གང་ནས་རྡབ་ནས་གང་ནས་ཡར་ལོངས།འཚོ་བ་ཡི་གོམ་པ་ང་ཚོས་སྤོ་དུས་སྤྱི་ཚོགས་ཀྱི་ རྙོག་གྲས་ང་ཚོར་སྒུག་བསྡད།ཡིན་ནས་རྙོག་གྲ་དང་ཉེན་ཁ་དེ་ག་ཚོད་ཆེ་ནས་ང་ཚོས་གོམ་པ་ག་ནས་མཚམས་གཅད།ཐེངས་ཅིག་ལས་རྒྱལ་ཁ་ཐོབ་ནས་ང་ཚོའི་དམིགས་ཡུལ་གང་ནས་མཚམས་གཅད།གྲོགས་པོ་ཚོ་གང་ལ་སླེབས་ནས་ང་ཚོས་ཕན་ཡུན་སེམས་ནང་ཉར་བསྡད།གྲོགས་པོའི་ལ་རྒྱ་ཡིད་ལ་བཅངས་བསྡད།རྗེད་མེད། རེད་བ། རང་གིས་ཤོད་དང་།