作词 : 藏瓦贡白作曲 : 德白རི་མཐོན་པོ་སྟོབས་ཀྱིས་ཕྱོགས་སུ་བྲོས། །གནམ་སྔོན་པོའི་མུ་མཐའ་ཐང་ལ་འདྲེས། །སྤྲིན་དཀར་པོ་ཁ་བཏགས་བཞིན་དུ་བསྐྱོད། །ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས། །རྟ་འདོ་བའི་བང་ཁ་ཁྱོད་ཀྱིས་འགྱེད། །བུ་རྒོད་པོའི་སེམས་ཁམས་ཁྱོད་ཀྱིས་བསྡུད། །སྤང་མེ་ཏོག་སེར་བོ་རྒྱན་དུ་བཀླུབས། །སྤང་མེ་ཏོག་སེར་བོ་རྒྱན་དུ་བཀླུབས། །ཆུ་རྨ་ཆུ་ལུ་མའི་སྐེ་རགས་བཅངས། །བྱ་ཁུ་བྱུག་སྔོན་མོའི་གླུ་དབྱངས་ལེན། །ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས། །འབྲི་ཐུལ་མའི་ནུ་ཁ་ཁྱོད་ཀྱིས་གསོས། །སྨན་བུ་མོའི་རེ་བ་ཁྱོད་ཀྱིས་བསྐང་། །སྦྲ་ནག་པོའི་དུ་བ་གནམ་ལ་འཐེན། །ཞོ་འོ་མའི་དྲི་ངད་རླུང་གིས་ལྡག །ལུག་གཡང་དཀར་བལ་ཁ་སྤྲིན་དུ་གྱུར། །ཨེ་མ་ཕ་ཡུལ་གྱི་རྩྭ་ཐང་ལགས། །ཕ་ཨ་ཁུའི་བསམ་དོན་ཁྱོད་ཀྱིས་བསྒྲུབས། །བོད་འབྲོག་པའི་འཚོ་བ་ཁྱོད་ཀྱིས་བསྐྲུན། །