作曲 : 色格尔༺ མིག་མཐའི་ཆུ་བོ། ༻ཚིག གསེར་གུར།དབྱངས། གསེར་གུར།གཞས་པ། གསེར་གུར།གཞས་ཚིག་སྒྲིག་སྦྱོར་བ། བྱ་མདོ་དཔལ་མགོན་ཚེ་རིང་།སྐད་འཕྲིན་ཨང་གྲངས། ༥༩༦༩༤༢༠༣༧࿄ ࿄ ࿄རི་ཚོགས་ཀྱི་བར་གསེང་ལ།བུ་མོ་ཞིག་གི་དྲན་གདུང་གི་མིག་ཆུ་ལྷུང་།མིག་ཆུའི་ཐིགས་པ་རེ་རེ།ཕ་མཐའི་ཆུ་བོ་ལ་འདྲེས་ཏེ།ངའི་ཕྱོགས་སུ་བཞུར་ཡོང་།ཆུ་བོ། ཆུ་བོ་ཆེ་ན་ཆེ་ཤོགངའི་སྐྱོ་གདུང་ཆུ་ལ་བསྲེས་ཆོགངས་ཁྱོད་ཉིད་བསམས་ཏེ།རང་ཉིད་ཆུ་ལ་བསྐུར་ཆོགད་ལྟ་ངའི་མིག་ཀོང་དུ་ཆུ་བོ་མང་པོ་འཁྱིལ་ཡོད།ཆུ་བོ་དེའི་ནང་དུ་ཁྱོད་ཀྱི་ཞས་རས་ཤར་ཡོང་།འུ་གཉིས་འགྲོ་མྱོང་བའི་ས་ཆ་རེ་རེ་ཤར་ཡོང་།ཆུ་བོ་ཆེ་ནས་ཆེ་རུ་ཕྱིན་ཡོང་།་་་ ་་་རྨི་ལམ་གྱི་གཏིང་རུམ་ནས།བུ་མོ་ཞིག་གིས་ཕྱིར་བལྟས་པའི་མིག་ཟུང་ཤར།མིག་ཟུང་སེམས་ལ་ལྷུང་བས།ཁྱོད་ཡིན་པ་དེ་ནས་ཤེས་སོང་།མིག་ཟུང་སེམས་ནང་ལ་ལྷུང་བས།ངས་དེ་ནས་ཤེས་སོང་།ཆུ་བོ། ཆུ་བོ་ཆེ་ན་ཆེ་ཤོགངའི་སྐྱོ་གདུང་ཆུ་ལ་བསྲེས་ཆོགངས་ཁྱོད་ཉིད་བསམས་ཏེ།རང་ཉིད་ཆུ་ལ་བསྐུར་ཆོགད་ལྟ་ངའི་མིག་ཀོང་དུ་ཆུ་བོ་མང་པོ་འཁྱིལ་ཡོད།ཆུ་བོ་དེའི་ནང་དུ་ཁྱོད་ཀྱི་ཞས་རས་ཤར་ཡོང་།འུ་གཉིས་འགྲོ་མྱོང་བའི་ས་ཆ་རེ་རེ་ཤར་ཡོང་།ཆུ་བོ་ཆེ་ནས་ཆེ་རུ་ཕྱིན་ཡོང་།ད་ལྟ་ངའི་མིག་ཀོང་དུ་ཆུ་བོ་མང་པོ་འཁྱིལ་ཡོད།ཆུ་བོ་དེའི་ནང་དུ་ཁྱོད་ཀྱི་ཞས་རས་ཤར་ཡོང་།འུ་གཉིས་འགྲོ་མྱོང་བའི་ས་ཆ་རེ་རེ་ཤར་ཡོང་།ཆུ་བོ་ཆེ་ནས་ཆེ་རུ་ཕྱིན་ཡོང་།ཆུ་བོ་ཆེ་ནས་ཆེ་རུ་ཕྱིན་ཡོང་།ཆུ་བོ་ཆེ་ནས་ཆེ་རུ་ཕྱིན་ཡོང་།